༄༅། །རིང་མིན་ 2020 ཟླ་ 12 ཚེས་ 10 བོད་ཟླ་ ༡༠ ཚེས་ ༢༥ གུ་རུའི་དུས་ཆེན་ཡིན་པའི་ཁར་དགའ་ལྡན་ལྔ་མཆོད་དང་ནོ་ཝེལ་ཞི་བདེའི་གཟེངས་རྟགས་གཉིས་ཉིན་གཅིག་ལ་འཁེལ་བ་མ་ཟད་འཕྲོད་བཟང་བ་རླུང་གཉིས་ཕྲད། ཇི་སྐད་དུ། རླུང་གཉིས་ཕྲད་པས་ཕུན་ཚོགས་སྦྱོར། ཕུན་ཚོགས་སྦྱོར་བས་བསམ་མྱུར་འགྲུབ། གསུངས་ཡིན་པས་དེའི་ཉིན་༸རྒྱལ་མཆོག་དབུས་བོད་མིའི་སྐུ་རླུང་བསྐྱེད་ཕྱིར་ལ་དྭགས་ཧི་མ་ལ་ཡའི་རི་མགོར་རླུང་རྟ་དར་འཛུགས་ཀྱི་ལས་རིམ་ཞིག་སྤེལ་འཆར་ཡོད་པས་བོད་རིགས་སྤུན་ཟླ་རྣམ་པའི་མཉམ་ཞུགས་གནང་ན་དགའ་བསུ་ཡོད།